About ME
Rinchen Tara, an inspiring early childhood educator, holds a Master's Degree from Teachers College, Columbia University, and a Bachelor's Degree from Duke University. With eight years of experience in Youth Development and Early Childhood Education, she advocates for culturally relevant education and holistic social-emotional development. Born into a semi-nomadic family in North Eastern Tibet, Rinchen cherishes her childhood memories of listening to her grandma's traditional Tibetan folktales, sparking her interest in storytelling. Starting her education at Tibetan Children's Village in India, she found a scarcity of age-appropriate, high-quality children's books in Tibetan compared to English. Rinchen believes in fostering joy in learning through books and is now dedicated to creating captivating bilingual children's books to share her love for the Tibetan language and storytelling.


རིན་ཆེན་ནི་སློབ་གསོའི་ལས་དོན་ལ་གཞོལ་མཁན་ཞིག་ཡིན། ཁོ་མོས་ཨ་རིའི་སློབ་ཆེན་ Duke University དང་ Teachers College, Columbia University སློབ་ཆེན་དུ་རྒྱལ་སྤྱིའི་སློབ་གསོ་དཔྱད་བསྡུར་རིག་པའི་ཐོག་སློབ་སྦྱོང་བྱས། ཁོ་མོ་ནི་བོད་བྱང་ཤར་ཁུལ་གྱི་ཞིང་མ་འབྲོག་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། བྱིས་དུས་ཀྱི་སྤྲོ་སྣང་ཉག་གཅིག་ནི་རྨོ་རྨོ་རིག་ལྷ་ཡིས་བཤད་པའི་དམངས་ཁྲོད་གཏམ་རྒྱུད་ལ་ཉན་རྒྱུ་དེ་རེད། ཡང་གཅིག་བཤད་ན་དེ་ནི་མོ་སྒྲུང་གཏམ་འཆད་རྒྱུར་སྤྲོ་བ་སྐྱེས་པའི་གཞི་མའང་རེད། ལོ་ན་ཆུང་དུས་ནས་ཤེས་རིག་འཚོལ་སྙེག་གི་གོ་སྐབས་བཟང་པོ་ཞིག་ཐོབ་རེ་སྙིང་ལ་བཅིངས་ཏེ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་དུ་སླེབས་ཏེ། བོད་ཁྱིམ་སློབ་གྲྭའི་སྒོ་ཐེམ་དུ་འཛུལ་ནས་རིག་པའི་གནས་ལ་སྦྱང་བརྩོན་བྱེད་པའི་ལས་སུ་ཞུགས། སློབ་གྲྭའི་འཚོ་བའི་ཁྲོད་ཁོ་མོའི་གྲོགས་ཡག་ཤོས་ནི་དཔེ་དེབ་རེད། འོན་ཀྱང་། སྐབས་དེར་མོ་ལ་སློབ་གཉེར་བའི་ལོ་ཚད་དང་འཚམས་ཤིང་སྤུས་ཀ་ལེགས་པའི་དབྱིན་ཡིག་གི་སྒྲུང་དེབ་ལྟ་བུ་བོད་ཡིག་ནང་དུ་མེད་པའི་དོ་སྣང་བྱུང་ཡོད། སློབ་གསོ་བ་ཞིག་གི་ངོས་ནས་བཤད་ན། སློབ་སྦྱོང་ལ་སྤྲོ་སྣང་སྐྱེ་བའི་རྒྱུ་ཉག་གཅིག་ནི་བརྩམས་ཆོས་འདྲ་མིན་གྱི་འཆར་སྣང་གི་ཀློང་དུ་འཁྱམ་རྒྱུ་དེ་ཡིན་པ་དང་། བོད་ཡིག་ནང་དུ་དཀོན་པའི་སྒྲུང་དེབ་འདྲ་མིན་ཁ་སྐོང་ཆེད། བྱིས་སྒྲུང་གསར་རྩོམ་གྱི་བྱ་གཞག་ཁུར་དུ་བླངས་ཡོད།